Our Accomplishments

Over the Years

ང་ཚོའི་ལོ་མང་རིང་གི་གྲུབ་འབྲས།

2006

We funded a sound system in Namgyal Middle Boarding School, Swoyambhu.

ཕྱི་ལོ་ ༢༠༠༦ ལོར་ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པས་བལ་ཡུལ་འཕགས་ཤིང་རྣམ་རྒྱལ་འབྲིང་རིམ་གཏན་འཇགས་སློབ་གྲྭར་སྒྲ་སྒམ་མ་ལག་ཆ་གཅིག་ཉོ་སྒྲུབ་ཆེད་དཔལ་འབྱོར་གྱི་རོགས་རམ་ཞུས།

2012

We funded the construction of a stupa in memory of the late Mr. Wangdu Phuntsok La, Director of Namgyal Higher Secondary School, Gokarna.

ཕྱི་ལོ་ ༢༠༡༢ ལོར་བལ་ཡུལ་གོ་ཀརྞ་རྣམ་རྒྱལ་མཐོ་སློབ་ཀྱི་སློབ་སྟོན་པ་ཞིང་གཤེགས་སྐུ་ཞབས་དབང་འདུས་ཕུན་ཚོགས་ལགས་ཀྱི་རླབས་ཆེའི་མཛད་རྗེས་དང་བཀའ་དྲིན་ལ་རྗེས་དྲན་ཞུ་ཆེད་སློབ་གྲྭའི་སྒོ་རའི་ནང་དུ་བཞེངས་པའི་མཆོད་རྟེན་གྱི་འགྲོ་གྲོན་ཆ་ཚང་ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པས་ཕུལ།

2013

We paid NC Rs. 1,72,894 for the repair and maintenance of several water pipelines and reservoirs in Namgyal Higher Secondary School, Gokarna.

ཕྱི་ལོ་ ༢༠༡༣ ལོར་ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པས་བལ་ཡུལ་གོ་ཀརྞ་རྣམ་རྒྱལ་མཐོ་རིམ་སློབ་གྲྭའི་ཆུ་འདྲེན་ལྕགས་གདོང་བརྗེ་ལེན་དང་འཐུང་ཆུ་གསོག་འཇོག་བྱེད་སའི་ཆུ་སྒྲོམ་ཉམས་གསོ་ཞུ་ཆེད་བལ་སྒོར་ ༡,༧༢,༨༩༤ རོགས་རམ་ཞུས།

2015

We funded a new television set for Namgyal Middle Boarding School, Swoyambhu. The price of the television set was NC Rs. 1,80,000.

ཕྱི་ལོ་ ༢༠༡༥ ལོར་བལ་ཡུལ་འཕགས་ཤིང་རྣམ་རྒྱལ་འབྲིང་རིམ་གཏན་འཇགས་སློབ་གྲྭར་གཟུགས་མཐོང་རླུང་འཕྲིན་གསར་པ་ཞིག་ཉོ་སྒྲུབ་ཞུ་ཆེད་བལ་སྒོར་ ༡,༨༠,༠༠༠ རོགས་རམ་ཞུས།

2015

We contributed $500 to build a stupa in memory of Namgyal Middle Boarding School’s founding Principal, the late Mr. Lobsang Delek La. This project was initiated by his past students as a sign of respect for their beloved teacher.

ཕྱི་ལོ་ ༢༠༡༥ ལོར་བལ་ཡུལ་འཕགས་ཤིང་རྣམ་རྒྱལ་འབྲིང་རིམ་གཏན་འཇགས་སློབ་གྲྭའི་སློབ་སྤྱི་ཟུར་པ་ཞིང་གཤེགས་རྒན་བློ་བཟང་བདེ་ལེགས་ལགས་ཀྱི་བསམ་བརྗོད་ལས་འདས་པའི་བཀའ་དྲིན་རྗེས་དྲན་ཞུ་ཆེད་སློབ་གྲྭའི་ལྡུམ་རའི་ནང་དུ་སློབ་ཟུར་བགྲེས་པ་རྣམས་ནས་རྡོའི་མཆོད་རྟེན་དང་ཟངས་ལས་གྲུབ་པའི་མཎི་ལག་འཁོར་བཞེང་བསྐྲུན་གནང་སྐབས་ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པས་ཨ་སྒོར་ ༥༠༠ མཐུན་འགྱུར་ཞལ་འདེབས་ཕུལ།

2015

We raised donations for the earthquake victims of Nepal. Nearly 9,000 people lost their lives, including two of our alumni members, in a 7.6-magnitude earthquake that struck on April 25th. We provided relief materials such as emergency lights, food, warm clothes, and children’s books to the victims in Gorkha, Langtang, Rasuwa, etc. We also admitted 11 children from underprivileged families in Langtang to Namgyal Middle Boarding School, Swoyambhu, Kathmandu.

ཕྱི་ལོ་ ༢༠༡༥ ཟླ་བ་ ༤ ཚེས་ ༢༥ ཉིན། བལ་ཡུལ་རྒྱལ་ཡོངས་ལ་ས་ཡོམ་རིམ་པ་ ༧་༦ བརྒྱབ་པའི་རྐྱེན་ང་ཚོའི་སློབ་གྲོགས་གཉིས་ཚུད་པའི་མི་གྲངས་ ༩༠༠༠ ཙམ་རྐྱེན་ལམ་དུ་ཤོར། ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པས་ས་ཡོམ་གྱིས་གནོད་འཚེ་ཕོག་པའི་མང་ཚོགས་ཆེད་ནིའུ་ཡོག་ནང་ཞལ་འདེབས་བསྡུ་སློང་བྱས། ང་ཚོས་གོར་ཁ་དང་། གླང་ཐང་། ར་སུའུ་བ་སོགས་ས་ཁུལ་གྱི་ཉེས་སྐྱོན་ཕོག་པའི་ཡུལ་མིར་ཛ་དྲག་གློག་སྒྲོན་དང་། ཟས་རིགས། དྲོད་སྲུང་གྱོན་ཆས། བྱིས་པའི་དཔེ་དེབ་སོགས་རྒུད་སྐྱོབ་དངོས་ཟོག་མཁོ་འདོན་བྱས། ང་ཚོས་ད་དུང་གླང་ཐང་ཁུལ་གྱི་ཁྱིམ་ཚང་དབུལ་པོའི་ཕྲུ་གུ་ ༡༡ ལ་བལ་ཡུལ་རྒྱལ་ས་ཀཋ་མཎ་གྲུའི་འཕགས་ཤིང་རྣམ་རྒྱལ་འབྲིང་རིམ་གཏན་འཇགས་སློབ་གྲྭར་སློབ་འཇུག་སྦྱིན་བདག་བྱས།

2016

We made a generous donation of $5,025 to finish renovating the Phuntsok Deshe Hall, a Tibetan Community Center located in Woodside, New York.

ཕྱི་ལོ་ ༢༠༡༦ ལོར་ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་ཕུན་ཚོགས་སྡེ་བཞིའི་ཨར་ལས་གང་མྱུར་ཡོངས་སུ་འགྲུབ་ཆེད་ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པས་ཨ་སྒོར་ ༥,༠༢༥ ཞལ་འདེབས་ཕུལ།

2020

On October 10th, our team participated in the volleyball tournament that was organized by the RTCY of NY & NJ to commemorate the 50th anniversary of the Tibetan Youth Congress. Twelve different youth teams participated in the tournament and our team won 2nd place. The tournament was held at Queensbridge Park, Long Island City, New York.

ཕྱི་ལོ་ ༢༠༢༠ ཟླ་བ་ ༡༠ ཚེས་ ༡༠ ཉིན། ས་གནས་ནིའུ་ཡོག་དང་ནིའུ་ཇར་སི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་ལོ་ངོ་ཧྲིལ་པོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་ཁོངས་སུ། ས་གནས་བོད་རིགས་གཞོན་སྐྱེས་ནང་ཁུལ་དྲ་པོལ་འགྲན་བསྡུར་གོ་སྒྲིག་གནང་། རུ་ཁག་བཅུ་གཉིས་མཉམ་ཞུགས་བྱས་པའི་འགྲན་བསྡུར་གྱི་ཨང་གཉིས་པའི་བྱ་དགའ་དེ་རང་རེ་རྣམ་རྒྱལ་སློབ་ཟུར་ཚོགས་པའི་རུ་ཁག་༼ཀ༽ལ་ཐོབ།

2020

On November 22nd, we aired our annual fundraising raffle draw live on our Facebook page. We raised $11,050 from this fundraising event.

ཕྱི་ལོ་ ༢༠༢༠ ཟླ་བ་ ༡༡ ཚེས་ ༢༢ ཉིན། ང་ཚོས་སློབ་ཟུར་ཚོགས་པའི་ངོ་དེབ་ཐད་གཏོང་བརྒྱུད་ལོ་འཁོར་དཔལ་འབྱོར་འདུ་འགོད་ཀྱི་རྒྱན་ཤོག་འཐེན་ཏེ་ཨང་རིམ་གསལ་བསྒྲགས་ཞུས། ལས་འགུལ་དེ་ལས་ང་ཚོར་ཨ་སྒོར་ ༡༡,༠༥༠ ཡོང་འབབ་ཐོབ།

2020

On November 23rd, we raised $4,262 through a GoFundMe drive for our Emergency Relief Fund. This fund has been earmarked to extend immediate financial help to our members in need. 

ཕྱི་ལོ་ ༢༠༢༠ ཟླ་བ་ ༡༡ ཚེས་ ༢༣ ཉིན། ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པའི་ཚོགས་མི་སུ་ལའང་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ཚེ་འཕྲལ་མྱུར་མཐུན་རྐྱེན་རོགས་སྐྱོར་ཞུ་རྒྱུར་དམིགས་ནས་ང་ཚོས་ཛ་དྲག་གི་རོགས་སྐྱོབ་མ་དངུལ་ཉར་ཚགས་བྱེད་ཆེད་དྲྭ་ལམ་བརྒྱུད་དེ་ཚོགས་མི་ནང་ཁུལ་ནས་ཞལ་འདེབས་ཨ་སྒོར་ ༤,༢༦༢  བསྡུ་རུབ་ཞུས།

2021

We raised a total donation of $10,109 to alleviate the financial hardship imposed on Namgyal Higher Secondary School, Gokarna by the COVID-19 outbreak. The total amount collected from the donors was sent to the school office on January 13th.

ཕྱི་ལོ་ ༢༠༢༡ ཟླ་བ་ ༡ ཚེས་ ༡༣ ཉིན། ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་བལ་ཡུལ་གོ་ཀརྞ་རྣམ་རྒྱལ་མཐོ་སློབ་ལ་དཔལ་འབྱོར་གྱི་དཀའ་ངལ་ཕྲད་པར་རོགས་རམ་ཞུ་ཆེད་ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པས་དྲྭ་ཐོག་ནས་ཞལ་འདེབས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་ཏེ་ཨ་སྒོར་ ༡༠,༡༠༩ བྱུང་བ་ཆ་ཚང་དངུལ་ཁང་བརྒྱུད་དེ་དེ་གའི་སློབ་གྲྭར་བཏང་།

2021

On March 6th, Mr. Tsewang Tenzin La, the President, launched our official website. It was developed by TibetStudio, Nepal with the basic concepts laid out by Mr. Bhuchung Sherap La. 

ཕྱི་ལོ་ ༢༠༢༡ ཟླ་བ་ ༣ ཚེས་ ༦ ཉིན། ཚོགས་གཙོ་ཚེ་དབང་བསྟན་འཛིན་ལགས་ནས་སློབ་ཟུར་ཚོགས་པའི་མིང་ཐོག་གི་དྲ་ཚིགས་ཐོག་མ་དེ་ཤར་གཏོང་བྱས་པའི་ཁྱབ་བསྒྲགས་གནང་། དྲ་ཚིགས་དེ་ནི་དྲུང་ཆེ་བུ་ཆུང་ཤེས་རབ་ལགས་ཀྱི་བསམ་བཀོད་ཐོག་བལ་ཡུལ་དུ་ཡོད་པའི་བོད་ཀྱི་དྲྭ་ཡིག་ལས་གཞི་ཁང་གིས་བཟོས་པ་ཡིན།  

2021

On March 28th, we initiated a religious project to refresh the three supreme Buddhist stupas in Nepal. These stupas are (1) The Swoyambhunath Stupa, (2) The Boudhanath Stupa, and (3) The Namobuddha Stupa. We received a total donation of $10,742. Under this multifaceted project, we applied a fresh coat of paint to the stupas, changed the prayer flags, lit butter lamps, gave alms to local needy people, and hoisted lungta flags on behalf of our 125 donors. We also made donations to the monasteries to pray for world peace and happiness for all sentient beings.

ཕྱི་ལོ་ ༢༠༢༡ ཟླ་བ་ ༣ ཚེས་ ༢༨ ཉིན། ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པས་བལ་ཡུལ་མཆོད་རྟེན་རྣམ་པ་གསུམ་སྟེ། དང་པོ། འཕགས་ཤིང་རང་བྱུང་མཆོད་རྟེན། གཉིས་པ། སྨོན་ལམ་ཡོངས་གྲུབ་ཀྱི་མཆོད་རྟེན་བྱ་རུང་ཁ་ཤོར་དང་། གསུམ་པ། བྱང་སེམས་བདག་ཉིད་ཆེན་པོས་སྟག་མོར་སྐུ་ལུས་སྦྱིན་པ་བཏང་བའི་གདུང་རྟེན་སྟག་མོར་ལུས་སྦྱིན་གྱི་མཆོད་རྟེན་ལ་སྐུ་དཀར་གསོལ་ཏེ་སྤྱན་ཕྱེ་ཞུས་པ་དང་། དབུ་གདུགས་གསར་རྙིང་བརྗེ་འབུལ་ཞུས། དེ་བཞིན་མར་མེའི་མཆོད་པ་ཕུལ་བ་དང་སྤྲང་པོར་སྦྱིན་པ་བཏང་བ་སོགས་ཆོས་ཕྱོགས་ཀྱི་ལས་འགུལ་རྒྱ་ཆེ་སྤེལ།

2021

On November 13th, we held our annual fundraising raffle draw. This year’s raffle sale was another great success, and the net profit was $5,580.

ཕྱི་ལོ་ ༢༠༢༡ ཟླ་བ་ ༡༡ ཚེས་ ༡༣ ཉིན། ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པའི་ལོ་འཁོར་དཔལ་འབྱོར་འདུ་འགོད་ཀྱི་རྒྱན་ཤོག་འཐེན་ཏེ་ཨང་རིམ་གསལ་བསྒྲགས་ཞུས། ཐེངས་འདིའི་རྒྱན་ཤོག་ཕྱིར་འཚོང་ལས་ཚོགས་པར་ཨ་སྒོར་ ༥,༥༨༠ ཡོང་འབབ་ཁེ་གཙང་ཐོབ།

2022

On January 10th, we formed a Core Members’ Group (CMG) to generate revenue for the association and to knit closer connections with our truehearted members. The CMG members consolidate our association with their $120 per annum renewable membership fees. The CMG roster can be viewed on our official website.

ཕྱི་ལོ་ ༢༠༢༢ ཟླ་བ་ ༡ ཚེས་ ༡༠ ཉིན། སྤྱིར་སློབ་ཟུར་ཚོགས་པར་ལོ་ལྟར་རེ་བཞིན་ཡོང་འབབ་འཐོབ་ཆེད་དང་སྒོས་སུ་སེམས་ཤུགས་ཅན་གྱི་ཚོགས་མི་ཚོ་དང་འབྲེལ་བ་སྔར་ལས་དམ་ཟབ་གཏོང་རྒྱུར་དམིགས་ནས་ལྟེ་བའི་ཁོངས་མིའི་ཚོགས་ཆུང་གསར་འཛུགས་བྱས། ཚོགས་ཆུང་འདིའི་ཁོངས་ཀྱི་ཚོགས་མི་རྣམ་པས་ལོ་རེར་ཚོགས་དོད་ཨ་སྒོར་ ༡༢༠ འབུལ་རྒྱུ་དང་། ཁོང་རྣམ་པའི་མཚན་ཐོ་སློབ་ཟུར་ཚོགས་པའི་དྲ་ཚིགས་སྟེང་དུ་སྐུ་པར་དང་མཉམ་དུ་ངོ་སྤྲོད་ཞུ་རྒྱུ་ཡིན།

2022

On June 8th, we sent $500 to our Nepal representative, Tenzing Gyurmey La, to distribute refreshments to the devotees who come to circumambulate and pray to Swoyambhunath stupa and monasteries in its vicinity on Saga Dawa Duchen, the auspicious 15th day of the Tibetan calendar.

ཕྱི་ལོ་ ༢༠༢༢ ཟླ་བ་ ༦ ཚེས་ ༨ ཉིན། ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པས་ས་ག་ཟླ་བའི་ཚེས་བཅོ་ལྔ་སྟེ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་སྐུ་བལྟམས་པ་དང་། སངས་རྒྱས་པ་དང་མྱ་ངན་ལས་འདས་པའི་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོར་འཕགས་ཤིང་རང་བྱུང་མཆོད་རྟེན་ཆེན་མོ་དང་དེའི་ཉེ་འདབས་ཀྱི་དགོན་སྡེ་ཁག་ལ་གནས་སྐོར་དང་གནས་འཇལ་ལ་ཕེབས་མཁན་དད་ལྡན་རྣམས་ལ་གསོལ་ཆབ་གྲང་མོ་དང་སྐམ་ཟས་རིགས་བགོ་འགྲེམ་ཞུ་རྒྱུར་ང་ཚོའི་བལ་ཡུལ་འབྲེལ་མཐུད་པ་བསྟན་འཛིན་འགྱུར་མེད་ལགས་ལ་ཨ་སྒོར་ལྔ་བརྒྱ་བཏང་།

2022

On July 20th, we organized a gratitude felicitation program at Namgyal Higher Secondary School, Gokarna, Nepal. Our executive member representative, Karma Shopa La, visited the school and felicitated all 51 teaching and non-teaching staff with a khata (traditional scarf), NC Rs. 5000, and a thank you letter from our President, Mr. Bhuchung Sherap La.

ཕྱི་ལོ་ ༢༠༢༢ ཟླ་བ་ ༧ ཚེས་ ༢༠ ཉིན། བལ་ཡུལ་གོ་ཀརྞ་རྣམ་རྒྱལ་མཐོ་རིམ་སློབ་གྲྭའི་དབུ་དགེ་ལས་བྱེད་རྣམ་པས་ལོ་ནས་ལོ་བསྟུད་དེ་བོད་རིགས་ཕྲུ་གུ་ཚོའི་ཤེས་ཡོན་དང་། གཙང་སྦྲ་འཕྲོད་བསྟེན། ཀུན་སྤྱོད་ཡར་རྒྱས་གཏོང་ཆེད་ངལ་བ་ཁྱད་བསད་ཀྱིས་འབད་བརྩོན་དང་གཟིགས་སྐྱོང་གང་ལེགས་གནང་དང་གནང་མུས་ཡིན་པར་ང་ཚོས་བཀའ་དྲིན་རྗེས་དྲན་ཞུས། མཛད་སྒོའི་ཐོག་སློབ་གྲྭའི་དབུ་དགེ་ལས་བྱེད་གྲངས་ཁྱོན་བསྡོམས་ ༥༡ ལ་སློབ་ཟུར་ཚོགས་པའི་རྒྱུན་ལས་སྐུ་ཚབ་ཀརྨ་བཟོད་པ་ལགས་ནས་མཇལ་དར་ཨ་ཤེ། བལ་སྒོར་ ༥༠༠༠ དང་། ཚོགས་གཙོ་རྒན་བུ་ཆུང་ཤེས་རབ་ལགས་ཀྱིས་མཚན་རྟགས་བཀོད་པའི་ཐུགས་རྗེ་ཆེ་ཞུའི་ཕྱག་བྲིས་རེ་རེ་ཕུལ།

2022

On July 22nd, we organized a gratitude felicitation program at Namgyal Middle Boarding School, Swoyambhu, Nepal. Our executive member representative, Karma Shopa La, visited the school and felicitated all 45 teaching and non-teaching staff with a khata (traditional scarf), NC Rs. 5000, and a thank you letter from our President, Mr. Bhuchung Sherap La.

ཕྱི་ལོ་ ༢༠༢༢ ཟླ་བ་ ༧ ཚེས་ ༢༢ ཉིན། བལ་ཡུལ་འཕགས་ཤིང་རྣམ་རྒྱལ་འབྲིང་རིམ་གཏན་འཇགས་སློབ་གྲྭའི་དབུ་དགེ་ལས་བྱེད་རྣམ་པས་ལོ་ནས་ལོ་བསྟུད་དེ་བོད་ཕྲུག་ཚོའི་མདུན་ལམ་ཡར་སྐྲུན་ཆེད་སྐུ་ལས་བསྐྱོན་དང་སྐྱོན་བཞིན་པར་ང་ཚོས་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་ཞུས། མཛད་སྒོའི་ཐོག་སློབ་གྲྭའི་དབུ་དགེ་ལས་བྱེད་གྲངས་ཁྱོན་བསྡོམས་ ༤༥ ལ་སློབ་ཟུར་ཚོགས་པའི་རྒྱུན་ལས་སྐུ་ཚབ་ཀརྨ་བཟོད་པ་ལགས་ནས་མཇལ་དར་ཨ་ཤེ། བལ་སྒོར་ ༥༠༠༠ དང་། ཚོགས་གཙོ་རྒན་བུ་ཆུང་ཤེས་རབ་ལགས་ཀྱིས་མཚན་རྟགས་བཀོད་པའི་ཐུགས་རྗེ་ཆེ་ཞུའི་ཕྱག་བྲིས་རེ་རེ་ཕུལ།

2022

On September 7th, we offered a TENSHUG (Long Life Prayer) to His Holiness the great 14th Dalai Lama at Theckchen Choeling Monastery in Dharamsala, India. Our organization was the largest donor for TENSHUG-2022 with a contribution of $30,818.37. Overall, the TENSHUG ceremony was very successful and a blessing to all sentient beings. His Holiness expressed profound happiness for our everlasting love, respect, and wholehearted prayers for His long life!

ཕྱི་ལོ་ ༢༠༢༢ ཟླ་བ་ ༩ ཚེས་ ༧ ཉིན། ང་ཚོས་བལ་ཡུལ་རྣམ་རྒྱལ་མཐོ་འབྲིང་དགེ་ལས་སློབ་ཟུར་ཐུན་མོང་གི་མཚན་ཐོག་ནས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས། ༧རྒྱལ་བའི་བརྟན་བཞུགས་ཆེད་དུ་ཞལ་འདེབས་མང་ཤོས་བསྡུ་རུབ་ཞུ་མཁན་དེ་ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པ་ཆགས་ཡོད། ང་ཚོར་ཁྱོན་བསྡོམས་ཞལ་འདེབས་ཨ་སྒོར་ ༣༠,༨༡༨.༣༧ བྱུང་། དེ་སྐབས་ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པས་ཚེ་ལས་འདས་པའི་བལ་ཡུལ་རྣམ་རྒྱལ་ཧོས་ཊེལ་དང་རྣམ་རྒྱལ་མཐོ་འབྲིང་གཉིས་ཀྱི་དབུ་དགེ་ལས་བྱེད་དང་སློབ་གྲོགས་ཚོས་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་ཅི་མཆིས་བྱང་ཞིང་དག་ནས་དལ་རྟེན་རིམ་བརྒྱུད་བླ་ན་མེད་པའི་རྫོགས་བྱང་མྱུར་དུ་ཐོབ་ཆེད་ཐུགས་སྨོན་སྐྱབས་འཇུག་ཡོང་བར་༧གོང་ས་མཆོག་ལ་ལྗགས་བསྔོ་སྐྱབས་རྟེན་མཇལ་དར་ཨ་ཤེ་དང་། ཧིན་སྒོར་ ༢༠༠༥ ཕུལ་ཡོད།

2022

On October 22nd, we held a fundraising Alumni NITE-2022 at Dharma House, Woodside, New York. This event allowed Namgyal alumni to meet with old-school friends and recall our glorious school years. More than 150 alumni came together from different parts of New York and New Jersey. The event was filled with entertaining games, traditional Tibetan Gorshey dance, and some Nepali and Bollywood numbers. We also shared a delicious cake with everyone to celebrate our 23rd anniversary.

ཕྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས་ ༢༢ ཉིན། ང་ཚོས་དཔལ་འབྱོར་འདུ་འགོད་ཀྱི་མཚན་ཚོགས་ཤིག་གོ་སྒྲིག་ཞུས། མཚན་ཚོགས་དེས་སློབ་གྲྭ་མཉམ་དུ་འགྲིམས་པའི་སློབ་གྲོགས་ནང་ཁུལ་ཐུག་འཕྲད་དང་གླེང་མོལ་ཞུ་རྒྱུའི་གོ་སྐབས་ཡག་པོ་ཞིག་བསྐྲུན། དེ་ཉིན་ནིའུ་ཡོག་དང་ནིའུ་ཇར་སིའི་མངའ་ཁོངས་ནས་སློབ་ཟུར་ཕོ་མོ་ ༡༥༠ ལྷག་མཉམ་འཛོམས་ཀྱིས་སྤྲོ་སྣང་ལྡན་པའི་རོལ་རྩེད་དང་བོད་མིའི་སྲོལ་རྒྱུན་གྱི་སྒོར་གཞས། དེ་བཞིན་རྒྱ་གར་དང་བལ་པོའི་འཁྲུག་ཆ་དོད་པའི་ཞབས་གཞས་ཁག་བཅས་ལ་སྤྲོ་སེམས་འཁོལ་བའི་ངང་ནས་མཉམ་ཞུགས་བྱས། ཡང་སྐབས་དེ་དུས་རྟེན་འབྲེལ་མཚོན་བྱེད་ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༢༣ འཁོར་བའི་དུས་སྟོན་སྲུང་བརྩིའི་མངར་ཟས་བགོ་འགྲེམས་ཞུས།

2022

On November 12th, we distributed water bottles, candies, and Tang drinks powder to the students of Namgyal Middle Boarding School at their Inter-house Annual Sports Meet-2022. The 1st place winner, Namtso House, was awarded Rs. 5000; the 2nd place winner, Youtso House, was awarded Rs. 4000; the 3rd place winner, Tise House, was awarded 3000; and the 4th place winner, Thangla House, was awarded Rs. 2000.

ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༡༢ ཉིན། ང་ཚོས་བལ་ཡུལ་འཕགས་ཤིང་རྣམ་རྒྱལ་འབྲིང་རིམ་གཏན་འཇགས་སློབ་གྲྭའི་ཁང་ཚན་ནང་ཁུལ་གྱི་ལོ་འཁོར་རྩེད་འགྲན་གྱི་ཉིན་མོར་སློབ་ཕྲུག་ཚོར་ཆུ་གྲང་མོ་དང་བྱི་རིལ་བགོ་འགྲེམས་ཞུས་པ་དང་། རྩེད་སྣ་འགྲན་བསྡུར་ནང་ཨང་དང་པོའི་རྒྱལ་ཁ་ཐོབ་མཁན་གནམ་མཚོ་ཁང་ཚན་ལ་བལ་སྒོར་ལྔ་སྟོང་དང་། ཨང་གཉིས་པའི་རྒྱལ་ཁ་ཐོབ་མཁན་གཡུ་མཚོ་ཁང་ཚན་ལ་བལ་སྒོར་བཞི་སྟོང་དང་། ཨང་གསུམ་པའི་རྒྱལ་ཁ་ཐོབ་མཁན་ཏི་སེ་ཁང་མཚན་ལ་བལ་སྒོར་སུམ་སྟོང་དང་། ཨང་བཞི་པ་ཐོབ་མཁན་ཐང་ལྷ་ཁང་ཚན་ལ་བལ་སྒོར་ཉིས་སྟོང་སློབ་གྲྭའི་ལས་ཁུངས་བརྒྱུད་བྱ་དགའ་ཕུལ།

2022

On November 26th, we awarded incentive cash prizes to all four houses of Namgyal Higher Secondary School, Gokarna at their Inter-house Annual Sports Meet-2022. Overall 1st position holder, Blue House, was awarded Rs. 10,000; the 2nd position holder, Red House, was awarded Rs. 8000; the 3rd position holder, Yellow House, was awarded Rs. 6000; and the 4th position holder, Green House, was awarded Rs. 4000.

ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༢༦ ཉིན། ང་ཚོས་བལ་ཡུལ་གོ་ཀརྞ་རྣམ་རྒྱལ་མཐོ་སློབ་ཀྱི་ཁང་ཚན་ནང་ཁུལ་གྱི་ལོ་འཁོར་རྩེད་འགྲན་གྱི་ཉིན་མོར་རྒྱུག་མཆོང་འཕང་གསུམ་གྱི་ལུས་རྩལ་འགྲན་བསྡུར་ནང་ཨང་དང་པོའི་རྒྱལ་ཁ་ཐོབ་པའི་ཁང་ཚན་སྔོན་པོར་བལ་སྒོར་ཁྲི་གཅིག་དང་། ཨང་གཉིས་པའི་རྒྱལ་ཁ་ཐོབ་པའི་ཁང་ཚན་དམར་པོར་བལ་སྒོར་བརྒྱད་སྟོང་དང་། ཨང་གསུམ་པའི་རྒྱལ་ཁ་ཐོབ་པའི་ཁང་ཚན་སེར་པོར་བལ་སྒོར་དྲུག་སྟོང་དང་། ཨང་བཞི་པ་ཐོབ་པའི་ཁང་ཚན་ལྗང་ཁུར་བལ་སྒོར་བཞི་སྟོང་སློབ་ཟུར་ཚོགས་པའི་སྐུ་ཚབ་ཉི་མ་སྒྲོལ་མ་ལགས་ནས་གསོལ་རས་གནང་།

2023

On April 15, we held an Incense Offering & Lungta Flags Hoisting Event at Nechung Foundation, New York. The purpose of this event was to pray for His Holiness the Dalai Lama’s long life and world peace. More than 70 attendees, including alumni members, their families, and friends joined this event. To begin with, ceremonial sweet rice was served at 10 a.m. to all the participants. The morning prayer session led by venerable Kushog Soepa La in their sacred chapel was effective, intense, and purifying. The large variety of food prepared by chef Tsering Paljor La was a pleasant surprise for everyone. Among the entertaining games, arrow shooting was everyone’s favorite. Overall, the event went smoothly, and everyone enjoyed it to the fullest.

ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ཚེས་ ༡༥ རེས་གཟའ་སྤེན་པ་གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉིན། ང་ཚོས་ནིའུ་ཡོག་དཔལ་ལྡན་གནས་ཆུང་དགོན་པར་༧རྒྱལ་བའི་༧སྐུ་ཕྱྭའི་ཞབས་རིམ་དང་བསང་གསོལ་རླུང་དར་སྒྲེང་འཛུགས་ཀྱི་མཛད་སྒོ་ཞིག་གོ་སྒྲིག་ཞུས། དེ་ཉིན་སློབ་ཟུར་ཚོགས་པའི་ཚོགས་མི་དང་ནང་མི་སྤུན་ཉེ་དགའ་གྲོགས་བསྡོམས་མི་གྲངས་ ༧༠ ལྷག་མཉམ་འཛོམས་བྱུང་། སྔ་དྲོ་དང་ཐོག་ཚོགས་བཅར་བ་ཡོངས་ལ་རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་པ་དང་དེ་ནས་དགོན་པའི་དགེ་འདུན་རྣམ་གཉིས་ཀྱིས་དབུ་འཁྲིད་དེ་ཆོས་ཕྱོགས་ཀྱི་གནང་སྒོ་མཐའ་དག་ལེགས་པར་བསྒྲུབས། ཡང་དེ་ནས་དགོན་པའི་མདུན་ཐང་དུ་འཛོམས་ནས་བདེན་ཚིག་སྨོན་ལམ་གསུངས་པ་དང་སྐད་གསང་མཐོན་པོས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་པ་དང་ལྷ་རྒྱལ་ཀི་བསྭོ་འབྲུག་སྟོང་ལྡིར་བ་ལྟར་འཐེན། ཉིན་རྒྱབ་ང་ཚོས་ཚོགས་བཅར་བ་རྣམ་པ་ཐུགས་སྤྲོ་པོ་ཡོང་ཆེད་མདའ་འཕེན་འགྲན་བསྡུར་ལ་སོགས་པའི་རྩེད་རིགས་སྣ་ཚོགས་གོ་སྒྲིག་ཞུས། དགོང་དྲོའི་ཞལ་ལག་ཀྱི་རྗེས་ལ་སྲོལ་རྒྱུན་གྱི་སྒོར་གཞས་འཁྲབས་ཏེ་དགའ་དགའ་སྤྲོ་སྤྲོའི་ངང་ནས་དེ་ཉིན་གྱི་མཛད་སྒོ་མཇུག་བསྡུས་སོ།།

2023

On June 4th (the 15th day of Saga Dawa), we distributed water bottles and fruit drinks to the devoted pilgrims who came to pay homage to the revered Swayambhunath Stupa and the numerous shrines and monasteries nestled in its vicinity. Additionally, during this auspicious month of Saga Dawa, we embarked on noble endeavors to repair, paint, and perform the consecration ritual for three sacred statues of Lord Buddha in Swayambhu, Nepal. Through this noble project, we aim to honor and preserve the rich heritage of these statues, ensuring they continue to inspire generations to come. By applying a fresh coat of paint, we not only restore their aesthetic beauty but also breathe new life into their sacred presence. We consider ourselves extremely fortunate to have the opportunity to undertake this project, as it holds immense cultural and historical significance.

ཕྱི་ལོ་ ༢༠༢༣ ཟླ་བ་ ཚེས་ ༼བོད་ཟླ་ ཚེས་ ༡༥༽ ཉིན། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་པ་དང་། སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་བཅས་དུས་ཚེས་ཁྱད་འཕགས་ཅན་གྱི་ཉིན་མོར་བལ་ཡུལ་འཕགས་པ་ཤིང་ཀུན་རང་བྱུང་མཆོད་རྟེན་དང་དེའི་ཉེ་འདབས་ཀྱི་དགོན་སྡེ་ཁག་ལ་གནས་མཇལ་མཆོད་འབུལ་ཞུ་མཁན་ཚོར་གསོལ་ཆབ་གྲང་མོ་དང་ཤིང་ཏོག་གི་ཁུ་བ་འབུལ་འགྱེད་བཏང་། དེ་བཞིན་ང་ཚོས་ས་ག་ཟླ་བའི་དུས་ཚོད་ཁྱད་འཕགས་ཅན་གྱི་ནང་བལ་ཡུལ་འཕགས་པ་ཤིང་ཀུན་གནས་རི་རྩ་ཆེན་གྱི་སྐུ་མདུན་དུ་བཞུགས་པའི་གཟི་བརྗིད་བྱིན་ཅན་གྱི་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་རྣམ་པ་གསུམ་ལ་ལྷན་བཅོས་བསྐྱར་བཟོ་ཆུང་ཙག་གང་དགོས་ཅི་ཐུབ་ཞུས་ཏེ་ན་བཟའ་བསྒྲོན་འབུལ་དང་རབ་གནས་ཁྲུས་གསོལ་ལེགས་པར་བསྒྲུབས། དུས་རབས་མང་པོའི་རིང་ལ་ཀུན་གྱི་ཕྱག་མཆོད་དང་དད་པའི་དམིགས་རྟེན་དུ་གནས་པའི་སྐུ་བརྙན་འདི་དག་ལ་ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་ཆེན་པོ་ཡོད་པ་སྨོས་མི་དགོས། ལས་གཞི་འདི་བརྒྱུད་ང་ཚོས་བྱིན་ཅན་གྱི་སྐུ་བརྙན་རྙིང་པ་འདི་དག་ལ་བཀུར་བ་དང་སྲུང་སྐྱོབ་ཞུས་ཏེ་མི་རབས་རྗེས་མ་རྣམས་ལ་མུ་མཐུད་དམ་པའི་ཆོས་ལ་འཇུག་པའི་སེམས་སྐུལ་འཐོབ་པའི་དམིགས་ཡུལ་འཛིན་ཡོད། ང་ཚོས་སྟོན་པའི་སྐུ་བརྙན་རྣམས་ལ་ན་བཟའ་བསྒྲོན་འབུལ་ཞུས་པས་སྐུ་བརྙན་དེ་དག་གི་བརྗིད་ཉམས་སླར་གསོ་བྱུང་ཏེ་གནས་མཇལ་བ་ཚོར་བཅོམ་ལྡན་འདས་དངོས་སུ་ཞལ་བཞུགས་ཡོད་པ་ལྟ་བུའི་དད་པ་དང་དགའ་ཚོར་སྐྱེ་རྒྱུ་ཡིན་པས་དགེ་ཚོགས་ཆེའོ།།

2023

On June 24th, we held our Annual Get-Together Picnic at Corona Meadows Park in Queens, New York. The picnic area was adorned with beautiful tents, vibrant national flags, and captivating alumni banners, making it immediately noticeable even from a distance. More than 100 alumni, accompanied by their families and friends, eagerly attended the event. Among the various games and activities, the children’s drawing competition garnered enthusiasm. The picnic meals, prepared by the board members and brought from their own homes, received numerous compliments and heartfelt appreciation for their hard work.

ཕྱི་ལོ་ ༢༠༢༣ ཟླ་བ་ ༦ ཚེས་ ༢༤ ཉིན། སློབ་ཟུར་ཚོགས་པའི་ལོ་འཁོར་ཚོགས་མི་ལྷན་འཛོམ་གྱི་གླིང་ཁ་དེ་(ཀོ་རོ་ན་མི་དྲོ་གླིང་གའི་ཐང་ཆེན་)ལ་གོ་སྒྲིག་ཞུས་ཤིང་། དེ་སྐབས་ཐང་སྟེང་དུ་བརྗིད་ཉམས་ལྡན་པའི་སྦྲ་གུར་ཕུབ་པ་དང་ཕྱོགས་བཞིར་འོད་མདངས་བཀྲ་བའི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་སློབ་ཟུར་ཚོགས་པའི་འཕྲེད་དར་བཅས་བསྒྲེངས་པས་ཐག་རིང་ནས་བལྟས་ཀྱང་གླིང་ཁའི་རྣམ་པ་ཟབ་མོ་མངོན་ཐུབ། ཐེངས་འདིའི་གླིང་ཁར་སློབ་ཟུར་ཚོགས་པའི་ཚོགས་མི་དང་ནང་མི་སྤུན་གྲོགས་བཅས་མི་གྲངས་བརྒྱ་ལྷག་མཉམ་འཛོམས་ཀྱིས་དགའ་སྐྱིད་ལྡན་པའི་ཁོར་ཡུག་བསྐྲུན། དེ་སྐབས་སྤྲོ་སྣང་འཕེལ་བའི་རྩེད་རིགས་སྣ་ཚོགས་གོ་སྒྲིག་ཞུས་པ་ལས་ཕྲུ་གུ་ཚོའི་རི་མོ་འབྲི་བའི་འགྲན་བསྡུར་གྱིས་ཀུན་གྱི་ཡིད་དབང་འཕྲོགས་པ་དང་དོ་སྣང་གི་ཡུལ་དུ་གྱུར། དེ་ཉིན་གྱི་གླིང་ཁའི་ཞལ་ལག་ཆ་ཚང་རྒྱུན་ལས་རྣམ་པས་སོ་སོའི་གཟིམ་ཁང་ནས་བསྣམས་ཕེབས་ཏེ་སྒྲིག་གཤོམ་གནང་བར་ཚོགས་མི་ཚོས་ཞལ་ལག་མཉེས་པོ་ཞེ་དྲག་བྱུང་འདུག་ཅེས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་གྲངས་མེད་ཞུས་སོ།།

2023

On September 4th, the Namgyal Alumni Association, USA, reached another significant milestone in its history of achievements by securing victory in The Dalai Lama Cup Soccer Tournament 2023. The Namgyal team clinched the championship with a 1-0 win over Yak FC in the final match held at Field #10 on Randall’s Island, New York. This victory, in a tournament featuring 11 soccer teams from North America, is the most prestigious trophy that every soccer player and team strives for years to attain.

ཕྱི་ལོ་ ༢༠༢༣ ཟླ་བ་ ༩ ཚེས་ ༤ ཉིན། ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པའི་ལོ་རྒྱུས་ནང་ལེགས་སོན་གྱི་གཏམ་བཟང་ཞིག་བྱུང་ཡོད། དེ་ནི་ས་གནས་ནིའུ་ཡོག་དང་ནིའུ་ཇར་སི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཉིན་གསུམ་གྱི་རིང་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་རྐང་སྤོལ་འགྲན་བསྡུར་ཐེངས་དྲུག་པ་དེ་གོ་སྒྲིག་ཞུས་པ་ལས་ཉིན་གསུམ་པའམ་མཐའ་མའི་རྩེད་འགྲན་གྱི་རྒྱལ་ཁ་དེ་རང་རེ་སློབ་ཟུར་ཚོགས་པའི་རུ་ཁག་ལ་ཐོབ། ཐེངས་འདིའི་རྐང་སྤོལ་འགྲན་བསྡུར་ནང་བྱང་ཨ་རི་ཁྱོན་ཡོངས་ནས་རུ་ཁག་བཅུ་གཅིག་མཉམ་ཞུགས་ཀྱིས་རྩེད་འགྲན་གནང་ཡོད། རྩེད་འགྲན་གྱི་ཉིན་མཐའ་མར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཟུར་སྐུ་ངོ་བློ་བཟང་སེང་གེ་མཆོག་ནས་རྒྱལ་ཁ་ཐོབ་མཁན་གྱི་རྩེད་མོ་བ་ཚོར་གཟེངས་རྟགས་བྱ་དགའ་གསོལ་རས་གནང་། ༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་རྐང་སྤོལ་འགྲན་བསྡུར་རྒྱལ་ཁའི་གཟེངས་རྟགས་དེ་བྱང་ཨ་རིའི་ནང་གི་རྐང་རྩེད་སྤོ་ལོའི་བྱ་དགའ་ཚད་མཐོ་ཤོས་དང་སྙན་གྲགས་ཆེ་ཤོས་དེ་ཡིན་ནོ།།

2023

On October 7th, we hosted Alumni Nite 2023. Alumni Nite is a wonderful opportunity to reconnect with our old school friends and reminisce about childhood memories. This year’s event featured delicious snacks and dinner, a bingo game, dances, and party favor T-shirts featuring the Dalai Lama Cup-winning logo to commemorate our glorious victory and cherished memories. This year, due to heavy rainfall, competing birthdays and wedding parties within the community, as well as the TYC Founding Day and Lhakar Anniversary commemorations, the Dharma House was not as crowded with enthusiastic audiences as it was last year. However, we managed to sell 123 event tickets and received generous donations from our members, which made the event both successful and financially rewarding for the association. President Mr. Bhuchung Sherap La, in his welcome speech, highlighted the remarkable achievements of our association under his leadership. He also presented Appreciation Letters to Ms. Tsekyi Tenzin and Ms. Palzom Tenzin for their volunteering service with our organization from 2021 to present.

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༧ ཉིན། ང་ཚོས་ཚོགས་མི་ནང་ཁུལ་ཐུག་འཕྲད་དང་དགའ་དགའ་སྤྲོ་སྤྲོ་བྱ་རྒྱུའི་དམིགས་ཡུལ་འཛིན་ནས་མཚན་ཚོགས་ཤིག་གོ་སྒྲིག་ཞུས་ཤིང་སྐབས་དེར་ཉིན་གང་ཆར་པ་མཚམས་འཇོག་མེད་པར་བབས་པ་དང་། ནིའུ་ཡོག་ནང་བོད་མིའི་གཉེན་སྒྲིག་དང་ཕྲུ་གུའི་སྐྱེས་སྐར། དེ་བཞིན་ལྷག་དཀར་ཚོགས་པའི་ལོ་ངོ་བཅུ་འཁོར་བའི་མཛད་སྒོ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པའི་ཉིན་མོ་སྲུང་བརྩིའི་མཛད་སྒོ་སོགས་ལས་རིགས་མང་པོ་དུས་གཅིག་ཏུ་ཁེལ་རྐྱེན་ལོ་སྔ་མ་ལྟ་བུའི་མི་ཚོགས་ཕོན་ཆེའི་འཚང་ག་ཤིག་ཤིག་མ་བྱུང་ཡང་གཙོ་བོ་ཚོགས་མི་རྣམ་པའི་རྒྱབ་སྐྱོར་ལ་བརྟེན་ནས་ཕྱག་འཁྱེར་ ༡༢༣ ཕྱིར་ཚོང་ཐུབ་པ་དང་། ཞལ་འདེབས་སུ་བྱུང་བའི་དངུལ་འབོར་སོགས་ལ་བརྟེན་ནས་བྱུང་སོང་རྩིས་ཁྲ་ཁ་འཐབ་པ་བྱུང་འདུག་པས་ཚང་མར་ཐུགས་རྗེ་ཆེ་ཞུ། དེ་སྐབས་ཚོགས་གཙོ་བུ་ཆུང་ཤེས་རབ་ལགས་ཀྱིས་རྒྱུན་ལས་སྐབས་བརྒྱད་པ་དང་དགུ་པ་གཉིས་ཀྱི་ད་བར་གྱི་གནང་སྒོ་ཁག་གི་དམིགས་ཡུལ་དང་འབུར་ཐོན་གྲུབ་འབྲས་གང་བྱུང་བ་རྣམས་མང་ཚོགས་ལ་འགྲེལ་བརྗོད་གསལ་པོར་གནང་ཞིང་ཁོང་གིས་སློབ་ཟུར་ཚོགས་པའི་ལས་འགུལ་གང་ཅིར་དྭང་བླངས་ཀྱིས་ལས་ཕྱོད་ཆེ་བའི་ལས་རོགས་གནང་མཁན་བུ་མོ་ཚེ་སྐྱིད་བསྟན་འཛིན་དང་། བུ་མོ་དཔལ་འཛོམས་བསྟན་འཛིན་གཉིས་ལ་མཇལ་དར་ཨ་ཤེ་རེ་དང་བསྔགས་བརྗོད་ཀྱི་ཕྱག་འཁྱེར་རེ་བསྩལ། དེ་ཉིན་གྱི་མཚན་ཚོགས་ལ་བཅར་མཁན་ཚང་མར་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་རྐང་སྤོལ་འགྲན་བསྡུར་གྱི་རྒྱལ་ཁའི་གཟེངས་རྟགས་ཀྱི་བརྙན་པར་བཀོད་པའི་སྟོད་ཐུང་རེ་དྲན་རྟེན་ཆེད་ཕྱག་རྟགས་སུ་ཕུལ་ཞིང་དེ་ཉིན་གྱི་བྱེད་སྒོ་རྣམས་རྒྱལ་ཁའི་ངང་གྲུབ་པར་བྱས་སོ།།

2023

On October 31st, our Nepal representatives, led by Tenzin Gyurmey La and his dedicated team, successfully delivered a generous donation of $2,883 to Lodoe Singay. Lodoe Singay, a former student of Namgyal Primary School in Nepal, was struggling with a severe medical condition marked by significant body swelling. He personally reached out to us through his social media account, humbly seeking financial assistance to cover his mounting medical expenses. We’re thrilled to have successfully carried out our association’s core mission, offering assistance to those in need, such as Lodoe Singay.

ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༣༡ ཉིན། བལ་ཡུལ་འཕགས་ཤིང་རྣམ་རྒྱལ་གཞི་རིམ་སློབ་གྲྭའི་སློབ་ཕྲུག་ཟུར་པ། མིང་ལ་བློ་གྲོས་སེངྒེ་ཟེར་བར་གཟུགས་གཞི་སྐྲངས་སྦོས་ཀྱི་ནད་གཞི་ཐུ་མོ་ཞིག་ཕོག་པ་དང་དཔལ་འབྱོར་གྱི་གནས་སྟངས་ཤིན་ཏུ་ཞན་རྐྱེན་སྨན་གཏུགས་སྨན་བཅོས་ཆེད་ནད་པ་རང་ཉིད་ནས་ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པར་ཆེད་མངགས་རེ་འབོད་བྱས་པ་ལྟར་ང་ཚོས་འཕྲལ་མར་ངོ་དེབ་བརྒྱུད་དེ་ཞལ་འདེབས་བསྡུ་རུབ་ཀྱི་གསལ་བསྒྲགས་དང་ལས་འགུལ་ཞིག་ཟུང་དུ་སྤེལ་བའི་འབྲས་བུར་ཁྱོན་བསྡོམས་ཨ་སྒོར་ ༢༨༨༣ རོགས་དངུལ་འབྱོར་བ་ཆ་ཚང་ང་ཚོའི་བལ་ཡུལ་གྱི་འབྲེལ་མཐུད་པ་སྐུ་ཞབས་བསྟན་འཛིན་འགྱུར་མེད་ལགས་བརྒྱུད་དེ་ནད་པ་དོ་བདག་གི་ལག་པར་འཚེམས་ལུས་མེད་པ་རྩིས་སྤྲོད་ཀྱིས་སློབ་ཟུར་ཚོགས་པའི་ཡང་དག་པའི་དམིགས་ཡུལ་གཞིར་བཟུང་ཐེངས་འདིར་ང་ཚོས་ནད་ཀྱིས་མནར་ཞིང་དཔལ་འབྱོར་གྱི་དཀའ་ངལ་འཕྲད་པའི་སློབ་གྲོགས་ཤིག་ལ་ཛ་དྲག་དགོས་གལ་ལམ་ཁ་ཚ་དགོས་གཏུགས་ཀྱི་རོགས་སྐྱོར་ཞུས་སོ།།

2023

On November 25th, Namgyal Higher Secondary School hosted its 2023 Inter-House Annual Sports Meet with ceremonial splendor. Tenzin Gyurmey La, our Nepal representative, and his team graciously attended the event, honoring the winning houses with incentive cash prizes on behalf of the Namgyal Alumni Association, USA. The annual school sports meet is a significant event in the academic calendar, featuring vibrant march-past parades accompanied by the school band, raising the Olympic flag, carrying the torch relay into the arena, and the house captains taking the oath to respect the rules and participate in the competitions in a spirit of fair play. Students are divided into four houses to take part in track and field sports competitions. Parents and dignitaries are invited to join the festive atmosphere on that day. This year, the Blue House, Yellow House, Green House, and Red House respectively secured the 1st to 4th positions, with awards of Rs. 10,000, Rs. 8,000, Rs. 6,000, and Rs. 4,000.

ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༢༥ ཉིན། བལ་ཡུལ་གོ་ཀརྞ་རྣམ་རྒྱལ་མཐོ་སློབ་ཀྱི་ལོ་འཁོར་ཁང་ཚན་ནང་ཁུལ་རྩེད་འགྲན་གྱི་ཉིན་མོར་ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པའི་སྐུ་ཚབ་བསྟན་འཛིན་འགྱུར་མེད་ལགས་དང་ལས་རོགས་རྣམ་པ་ཆེད་བཅར་གྱིས་འགྲན་བསྡུར་ནང་ཨང་རིམ་ཐོབ་པའི་ཁང་ཚན་སོ་སོར་ང་ཚོས་བསྐུར་པའི་ལག་དངུལ་རྣམས་མཛད་སྒོའི་ཐོག་བྱ་དགའ་བསྩལ། ཐེངས་འདིར་ང་ཚོས་ཨང་དང་པོ་ནས་བཞི་པའི་བར་ཐོབ་པའི་ཁང་ཚན་ཚོར་རིམ་པས་བལ་སྒོར་ཁྲི་གཅིག་དང་། བརྒྱད་སྟོང་། དྲུག་སྟོང་། བཞི་སྟོང་བཅས་ལག་དངུལ་བྱ་དགའ་བྱིན། ལུས་རྩལ་སློབ་སྦྱོང་ནི་སློབ་གྲྭའི་སློབ་ཚན་ཁོངས་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་ཞིང་ཕྲུ་གུའི་ལུས་ཀྱི་སྟོབས་ཤུགས་འཕེལ་ཐབས་དང་། བདེ་ཐང་གི་འཕྲོད་བསྟེན་ལ་ཕན་ཆེད་ལུས་སྦྱོང་སློབ་ཚན་སློབ་འཁྲིད་བྱེད་པ་དང་མཉམ་དུ་སློབ་གྲྭའི་སློབ་ཕྲུག་ཡོངས་རྫོགས་ཁང་ཚན་བཞི་རུ་བགོས་ནས་ལོ་ལྟར་ཁང་ཚན་ནང་ཁུལ་རྒྱུག་མཆོང་འཕེན་གསུམ་གཙོ་བོར་བྱས་པའི་རྩེད་རིགས་འདྲ་མིན་འགྲན་བསྡུར་བྱེད་ཀྱི་ཡོད། དེ་ཡང་ཐོག་མ་ཁང་ཚན་སོ་སོའི་སློབ་ཕྲུག་ཚོས་རྔ་གླིང་རོལ་དབྱངས་དང་སྦྲགས་བརྗིད་ཉམས་ལྡན་པའི་རུ་སྒྲིག་གཏོང་བ་དང་། དེ་ནས་རུ་དཔོན་རྣམས་ཀྱིས་དྲང་ཚུགས་ངང་ནས་རྩེད་འགྲན་བྱ་རྒྱུའི་དམ་བཅའ་འབུལ་བཞེས་གནང་སྟེ་ཉིན་གང་ཕ་མ་དང་སྐུ་མགྲོན་རྣམ་པར་རྩེད་སྣའི་གཟིགས་མོ་རྒྱས་པར་བཤམས་ནས་ཐུགས་སྤྲོ་བར་བྱེད་དོ།།

2023

On December 15th, our representatives from Nepal attended the Namgyal Middle Boarding School’s Inter-House Annual Sports Meet-2023. They presented cash prizes to the winning houses on behalf of our association. This year, Youtso house secured first place, earning an award of Rs. 6000. Namtso and Tise tied for second place, each receiving an award of Rs. 4500. Finally, Thangla claimed third place, earning an award of Rs. 3000. Recognizing the vital role of physical education in children’s holistic development, Tibetan schools offer comprehensive theoretical and practical PE classes. The Namgyal Alumni Association, USA, annually awards cash prizes to all four schoolhouses to inspire students and cultivate a robust school spirit.

ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༡༥ ཉིན། བལ་ཡུལ་འཕགས་ཤིང་རྣམ་རྒྱལ་འབྲིང་རིམ་གཏན་འཇགས་སློབ་གྲྭའི་ལོ་འཁོར་ཁང་ཚན་ནང་ཁུལ་གྱི་རྩེད་འགྲན་ཉིན་མོར་ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པའི་སྐུ་ཚབ་རྣམ་པར་མགྲོན་འབོད་གནང་བ་ལྟར་ངོ་བཅར་ཞུས་ཏེ་ཨང་རིམ་ཐོབ་པའི་ཁང་ཚན་སོ་སོར་ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པས་བཏང་བའི་བྱ་དགའ་གཟེངས་བསྟོད་ཀྱི་ལག་དངུལ་རྣམས་འབུལ་བཞེས་གནང་། བོད་གཞུང་སློབ་གྲྭ་ཁག་གི་ནང་སློབ་མའི་ལུས་ཕུང་བདེ་ཐང་ཇེ་མཐོར་གཏོང་བ་དང་སློབ་སྦྱོང་གི་སྦྱངས་འབྲས་ཇེ་མཐོར་གཏོང་རྒྱུར་དམིགས་ནས་ལུས་སྦྱོང་སློབ་ཚན་སློབ་འཁྲིད་བྱེད་པ་དང་ཁང་ཚན་ནང་ཁུལ་རྩེད་རིགས་སྣ་ཚོགས་འགྲན་བསྡུར་བྱེད་ཀྱི་ཡོད། ཐེངས་འདིར་ང་ཚོས་ཨང་དང་པོ་ཐོབ་པའི་གཡུ་མཚོ་ཁང་ཚན་ལ་བལ་སྒོར་དྲུག་སྟོང་དང། ཨང་གཉིས་པ་ཐོབ་པའི་གནམ་མཚོ་དང་ཏི་སེ་ཁང་ཚན་གཉིས་ལ་བལ་སྒོར་བཞི་སྟོང་ལྔ་བརྒྱ་རེ་དང་། ཨང་གསུམ་པ་ཐོབ་པའི་ཐང་ལྷ་ཁང་ཚན་ལ་བལ་སྒོར་གསུམ་སྟོང་བཅས་ཀྱི་བྱ་དགའ་བྱིན། ང་ཚོས་ལོ་ལྟར་སློབ་ཕྲུག་ཚོར་བྱ་དགའ་སྦྱིན་པའི་དམིགས་ཡུལ་ནི་ཁོ་ཚོའི་འབད་རྩོལ་ལ་བསྔགས་བརྗོད་ཞུ་བ་དང་མ་འོངས་པར་གྲུབ་འབྲས་དེ་ལས་ལེགས་པ་ཐོབ་པར་བརྩོན་ལེན་བྱེད་པའི་སེམས་ཤུགས་གསོ་སྐྱོང་བྱེད་ཆེད་དུ་ཡིན་ནོ།།

2024

On April 14th, we held an Incense Offering and Lungta Flag Hoisting event at Nechung Monastery in upstate New York. The event was dedicated to prayers for the long life of His Holiness the Dalai Lama and for global peace. Its success was made possible by the heartfelt participation of alumni members, their families, and friends, whose presence added great significance to the occasion.

ཕྱི་ལོ་ ༢༠༢༤ ཟླ་བ་ ༤ ཚེས་ ༡༤ རེས་གཟའ་ཉི་མ་གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉིན། ང་ཚོས་༸དཔལ་ལྡན་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་དགོན་པར་རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་དང་བསང་གསོལ་རླུང་དར་སྒྲེང་འཛུགས་ཀྱི་མཛད་རིམ་ཞིག་གོ་སྒྲིག་ཞུས། དེ་ཉིན་གྱི་མཛད་སྒོར་སློབ་ཟུར་ཚོགས་པའི་ཚོགས་མི་དང་ནང་མི་སྤུན་ཉེ་དགའ་གྲོགས་མང་པོས་མཉམ་ཞུགས་གནང་ཞིང་། གཙོ་བོ་རྒྱལ་བའི་ཞབས་རིམ་ལེགས་གྲུབ་ཞུས་པ་དང་འབྲེལ། འཛམ་གླིང་ཞི་བདེ་དང་ཀུན་ལ་ནད་མེད་ཚེ་རིང་དང་བསམ་དོན་ཇི་བཞིན་འགྲུབ་ཆེད་ཡི་དམ་ཆོས་སྐྱོང་སྲུང་མར་བསང་གསོལ་དང་འཕྲིན་བཅོལ། དེ་བཞིན་རླུང་དར་སྒྲེང་འཛུགས་བྱེད་རྒྱུའི་གོ་སྐབས་བཟང་པོ་ཐོབ་པས་དགའ་ཚོར་ཆེའོ།།

2024

On May 23, our representatives in Nepal distributed dry food and bottled water to devotees participating in the sacred circumambulation and prayers at Swayambhunath Stupa and the surrounding monasteries. As in previous years, this meaningful initiative was sponsored by our association with the aim of accumulating spiritual merit for the benefit of world peace. According to the Tibetan calendar, this auspicious day marks the birth, enlightenment, and Parinirvana of Lord Buddha.

ཕྱི་ལོ་ ༢༠༢༤ ཟླ་བ་ ༥ ཚེས་ ༢༣ ཉིན། བལ་ཡུལ་ཁུལ་གྱི་ང་ཚོའི་འཐུས་མི་རྣམས་ཀྱིས་བདག་ཅག་གི་སྟོན་པ་ཐུགས་རྗེ་ཆེན་པོ་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་གསུམ་གྱི་དུས་ཚེས་ཁྱད་འཕགས་གསུམ་འཛོམས་པའི་ཉིན་མོར། རང་བྱུང་མཆོད་རྟེན་འཕགས་པ་ཤིང་ཀུན་གྱི་གླིང་སྐོར་ལ་ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པའི་འགྲོ་དངུལ་ལས། མཆོད་རྟེན་རིན་པོ་ཆེ་དང་དགོན་སྡེ་ཁག་ལ་གནས་མཇལ་མཆོད་འབུལ་ཞུ་མཁན་ཚོར་སྐམ་ཟས་རིགས་དང་གསོལ་ཆབ་གྲང་མོ་འབུལ་འགྱེད་བཏང་སྟེ་དགེ་བའི་ལས་ལ་བརྩོན་པར་བགྱིས་སོ།།

2024

On June 15th, the Namgyal Alumni Association organized a cleanup project at Nechung Monastery. As part of the effort, we respectfully removed and burned the worn lungta flags. Additionally, we installed eye bolt screws and spring links on ten tall trees, making it easier for devotees to raise new lungta flags in the future. We also prepared one of the best trees by installing eye bolt screws and spring links, specifically for hoisting the Dharchen (great flag). We hope our efforts enhance the environment of the monastery and enable devotees to easily raise and furl new lungta flags at the treetops.

ཕྱི་ལོ་༢༠༢༤ ཟླ་ ༦ ཚེས་ ༡༥ རེས་གཟའ་སྤེན་པའི་ཉིན། ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པ་ནས་༸དཔལ་ལྡན་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་དགོན་པའི་མཐའ་སྐོར་དུ་ཡོད་པའི་རླུང་དར་རྙིང་པ་རྣམས་མེར་སྲེག་བཏང་ནས་ཁོར་ཡུག་གཙང་མ་བཟོས་པ་དང། དགོན་པའི་ཁོ་ར་ཁོར་ཡུག་ཏུ་ཡོད་པའི་ཤིང་སྡོང་ཆེ་བ་བཅུའི་རྩེ་ལ་རླུང་དར་སྒྲེང་འཛུགས་བྱེད་བདེའི་ཆེད་མིག་ཁུང་ཕུག་ནས་སྣེ་ལུང་ཅན་གྱི་ལྕགས་ཀྱི་གཅུས་གཟེར་དང་ལུང་ཐག་སྒྲིག་སྦྱོར་བྱས། ང་ཚོས་བརྩམས་པའི་ལས་གཞི་འདིས། དཔལ་ལྡན་གནས་ཆུང་དགོན་པའི་ཁོར་ཡུག་མཛེས་ཉམས་དོད་དུ་འགྱུར་བ་དང། སླད་ཕྱིན་གནས་མཆོག་འདིར་རླུང་དར་སྒྲེང་འཛུགས་གནང་མཁན་ཚང་མར་སྟབས་བདེ་ཡོང་བའི་རེ་བ་ཞུའོ།།

2024

On July 6th, we hosted a book launch event to coincide with the celebration of His Holiness the Dalai Lama’s 89th birthday. The event took place at the Tibetan Community Center and was graced by distinguished guests, and thousands of local Tibetan residents. It proved to be a truly memorable occasion, with approximately 200 copies of the book sold within just a few hours་ The storybook—written and compiled by our former President, Mr. Bhuchung Sherap La—holds deep significance for our community as a means of preserving our rich language and unique cultural identity. We are sincerely grateful to him for generously donating the master copy to our association. All proceeds from the book are dedicated to supporting our welfare initiatives.

ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༦ ཉིན། རང་ཅག་བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༩ ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་བཟང་དང་བསྟུན། ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པས་མགོན་པོ་གང་ཉིད་ཀྱི་བཀའ་དགོངས་བཞིན། གངས་ལྗོངས་མི་རིགས་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་ཡོང་བར་ ༼སྐྱིད་ཚལ་ནགས་ཀྱི་སྒྲུང་།༽ ཞེས་པའི་ལྟ་དེབ་ཅིག་པར་སྐྲུན་གྱིས་ས་གནས་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་ཞུས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་ཉིན་མོར་མང་ཚོགས་ལ་ཕྱིར་འཚོང་བྱས། དུས་ཡུན་ཆུ་ཚོད་འགའ་ཞིག་ནང་དེབ་གྲངས་ ༢༠༠ ཙམ་བཙོང་ཐུབ་པ་དེས་ང་ཚོར་དགའ་ཚོར་ཆེན་པོ་བྱུང་། སྒྲུང་དེབ་དེ་ནི་སློབ་ཟུར་ཚོགས་པའི་ཚོགས་གཙོ་ཟུར་པ་རྒན་བུ་ཆུང་ཤེས་རབ་ལགས་ཀྱིས་བརྩམས་ཤིང་། སློབ་ཟུར་ཚོགས་པའི་སྤྱི་ཕན་བྱ་གཞག་ལ་མ་དངུལ་གྲངས་གསོག་བྱེད་ཆེད་དེབ་ཀྱི་པར་གཞི་རིན་མེད་ཞལ་འདེབས་སུ་གནང་སྟེ་པར་སྐྲུན་དང་ཕྱིར་འཚོང་བྱེད་པའི་པར་དབང་ཆོག་མཆན་གནང་བར་ཐུགས་རྗེ་ཆེ་ཞུའོ།།

2024

On November 9th, we joyfully celebrated the 25th Founding Anniversary — also known as the Silver Jubilee — of our association with a series of vibrant programs. The event was graced by Mr. Rinchen Dharlo La, the esteemed founder of Namgyal Hostel and Namgyal Primary School in Nepal. Over 300 gate tickets were sold, reflecting the enthusiastic participation and support for the occasion.

The celebration began with an inspiring inaugural speech by our Alumni President, Sonam Wangchuk La. Kunga Thinley La, the first President of our association, also addressed the gathering, highlighting the major accomplishments of our association since its inception.

This was followed by an insightful address from the chief guest, Mr. Rinchen Dharlo La, who shed light on the difficult living conditions faced by Tibetans in Nepal during the 1980s. He also detailed the founding, challenges, and goals of Namgyal Hostel and Namgyal Primary School, highlighting the profound guidance and tireless efforts of His Holiness the Dalai Lama and the Department of Education.

The day’s celebration was further enriched by a variety of performances, including modern Tibetan songs by Tenzin Woser and Tenzin Choegyal, as well as captivating cultural dances in Tibetan, Hindi, and Nepali styles by alumni members and their children. These performances added a vibrant and festive touch, making the Silver Jubilee celebration truly memorable.

ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༩ ཉིན། ས་གནས་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཕུན་ཚོགས་སྡེ་བཞི་ཚོགས་ཁང་དུ་ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པ་བཙུགས་ནས་ལོ་ངོ་ཉེར་ལྔ་འཁོར་བའི་དུས་སྟོན་གྱི་ཉིན་མོ་སྲུང་བརྩི་ཞུས། དེ་ཉིན་གྱི་མཛད་སྒོར་བལ་ཡུལ་༧སྐུ་ཚབ་དོན་གཅོད་ཟུར་པ་དང་། བལ་ཡུལ་ནང་རྣམ་རྒྱལ་ཧོས་ཊེལ་དང་རྣམ་རྒྱལ་གཞི་རིམ་སློབ་གྲྭ་གསར་འཛུགས་གནང་མཁན་གཅིག་ལྕོགས་སྐུ་ངོ་རིན་ཆེན་དར་ལོ་མཆོག་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུས། མཛད་སྒོར་སློབ་ཟུར་ཚོགས་པའི་ལས་ཐོག་ཚོགས་གཙོ་བསོད་ནམས་དབང་ཕྱུག་ལགས་ནས་དགའ་བསུའི་གསུང་བཤད་གནང་བ་དང་། སློབ་ཟུར་ཚོགས་པའི་ཚོགས་གཙོ་དང་པོ། ཀུན་དགའ་འཕྲིན་ལས་ལགས་ཀྱིས་ཚོགས་པའི་འདས་པའི་ལོ་རྒྱུས་དང་འབྲེལ། ཚོགས་པས་སྔ་ཕྱི་བར་གསུམ་དུ་སྤེལ་བའི་བྱེད་སྒོ་གལ་ཆེ་བ་ཁག་གི་སྐོར་འགྲེལ་བརྗོད་གནང་། སློབ་ཟུར་ཚོགས་པའི་ཚོགས་གཙོ་ཟུར་པ་རྣམས་ལ་སྐུ་མགྲོན་གཙོ་བོ་མཆོག་ནས་གཟེངས་བསྟོད་ཕྱག་འཁྱེར་བསྩལ་ཏེ་གསུང་བཤད་གནང་བའི་སྙིང་པོར། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུའི་དུས་སྐབས་ཀྱི་བལ་ཡུལ་ནང་གི་བོད་མི་ཚོའི་འཚོ་བའི་གནས་བབས། བལ་ཡུལ་ནང་ཐོག་མ་རྣམ་རྒྱལ་ཧོས་ཊེལ་དང་དེ་རྗེས་རྣམ་རྒྱལ་གཞི་རིམ་སློབ་གྲྭ་གསར་བཙུགས་དགོས་པའི་དམིགས་ཡུལ། རྣམ་རྒྱལ་ཧོས་ཊེལ་དང་རྣམ་རྒྱལ་སློབ་གྲྭ་ཞེས་མིང་ཐོགས་པའི་ལོ་རྒྱུས། བོད་ཕྲུག་ཚོར་དེང་དུས་ཀྱི་ཤེས་ཡོན་སྤྲོད་ཆེད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་ཤེས་རིག་ལྷན་ཁང་ནས་མཛད་འཕྲིན་ཆེས་རྒྱས་པར་བསྐྱངས་ཡོད་པར་ང་ཚོས་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་དང་།  ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པས་སྤྱི་ཚོགས་ཞབས་ཞུའི་བྱེད་སྒོ་གང་མང་བརྩམ་དགོས་སྐོར་བཅས་གསུངས་སོ།།

ཉེར་ལྔའི་དུས་སྟོན་སྲུང་བརྩིའི་མཛད་སྒོར་ཕེབས་པའི་སྐུ་མགྲོན་རྣམ་པ་དང་། གཟིགས་མོ་བ་རྣམས་ལ་གཞས་པ་བསྟན་འཛིན་འོད་ཟེར་དང་བསྟན་འཛིན་ཆོས་རྒྱལ་རྣམ་གཉིས་ནས་སྙན་འཇེབས་ལྡན་པའི་བོད་ཀྱི་གླུ་གཞས་སྣ་ཚོགས་ཕུལ་ནས་སྤྲོ་སྣང་བྱིན་པ་དང་། ཡང་། སློབ་ཟུར་ཚོགས་པའི་ཚོགས་མི་རྒན་པ་ཚོས་དམིགས་སུ་བཀར་ནས་བདུན་ཕྲག་མང་པོའི་རིང་སྦྱོང་བརྡར་བྱས་པའི་བལ་པོ། རྒྱ་གར་དང་བོད་ཀྱི་སྲོལ་རྒྱུན་དང་དེང་དུས་ཀྱི་རོལ་གཞས་དང་ཟློས་གར་འཁྲབ་སྟོན་ཞུས་སོ།།

2024

On November 30th and December 21st, our representative team, led by Mr. Tenzing Gyurmey La, attended the Inter-House Annual Sports Meet of Namgyal Higher Secondary School and Namgyal Middle Boarding School, respectively. During these events, we presented cash incentive prizes to the winning houses. This has been a cherished tradition we have continued for many years to encourage and support our younger brothers and sisters in their academic journey.

ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༣༠ དང། ཟླ་བ་ ༡༢ ཚེས་ ༢༡ ཉིན་སོ་སོར་བལ་ཡུལ་རྣམ་རྒྱལ་གོ་ཀརྞ་མཐོ་སློབ་དང་། འཕགས་ཤིང་རྣམ་རྒྱལ་འབྲིང་རིམ་གཏན་འཇགས་སློབ་གྲྭའི་ཡིག་ཚང་ནས་མགྲོན་འབོད་གནང་བ་ལྟར། སློབ་ཟུར་ཚོགས་པའི་འཐུས་ཚབ་འགན་འཛིན་བསྟན་འཛིན་འགྱུར་མེད་ལགས་དང་ཕྱག་རོགས་རྣམ་པས། གོང་གསལ་སློབ་གྲྭ་གཉིས་ཀྱི་ལོ་འཁོར་རྩེད་འགྲན་གྱི་མཛད་སྒོའི་ཐོག་རྒྱལ་ཁ་ཐོབ་པའི་ཁང་ཚན་ཚོར། ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པས་བཏང་བའི་ལག་དངུལ་བྱ་དགའ་བྱིན།  སློབ་གྲྭའི་ལོ་འཁོར་རྩེད་འགྲན་སྐབས་ཀྱི་བྱ་དགའ་ནི་སློབ་ཕྲུག་ཚོར་བསྔགས་སྐུལ་དང་རྒྱབ་སྐྱོར་མཚོན་ཆེད་ང་ཚོས་ལོ་མང་རིང་རྒྱུན་བསྲིངས་བྱས་པའི་དགའ་སྤོབས་ལྡན་པའི་གལ་ཆེའི་བྱེད་སྒོ་ཞིག་ཡིན་ནོ།།

2024

On December 20th, our representatives in Nepal handed over NPR 215,000 to Ama Yangdon La, a former kitchen staff member at Namgyal Higher Secondary School in Gokarna. This amount was raised through an official appeal on our Facebook page, with contributions from our valued general members. This support was extended in response to Ama Yangdon La’s repeated requests for financial assistance, as she continued to face hardships in her later years.

ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༢༠ ཉིན། བལ་ཡུལ་ཁུལ་གྱི་ང་ཚོའི་འཐུས་མི་ཚོས། གོ་ཀརྞ་རྣམ་རྒྱལ་མཐོ་སློབ་ཀྱི་གསོལ་ཐབ་ལས་བྱེད་ཟུར་པ། ཨ་མ་དབྱངས་སྒྲོན་ལགས་ཀྱི་གནས་ཚང་དུ་བཅར་ནས་ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པས་ངོ་དེབ་བརྒྱུད་བསྡུ་རུབ་བྱས་པའི་བལ་སྒོར། འབུམ་གཉིས་དང་ཆིག་ཁྲི་ལྔ་སྟོང་ཁོ་མོར་རྩིས་སྤྲོད་བྱས། ང་ཚོར་ཨ་མ་དབྱངས་སྒྲོན་ལགས་ཀྱིས་འཚོ་རྟེན་མེད་ཅིང་། ན་ཚོད་བབ་ཀྱི་གཟུགས་གཞི་འཕྲོད་བསྟེན་མི་བདེ་བའི་རྒྱུ་མཚན་བགྲངས་ནས་རོགས་སྐྱོར་འབོད་སྐུལ་བསྟུད་མར་བྱས་པར་བརྟེན། སློབ་ཟུར་ཚོགས་པས་མཐུན་འགྱུར་ཞུས་པའོ།།

2025

On May 11th, the executive members hosted a welcome dinner for Mr. Humagain and his family, who were visiting New York City. With over three decades of dedicated service to the education of Tibetan students at Namgyal High School, Mr. Humagain remains one of the most cherished and respected figures in our school’s history.

ཕྱི་ལོ་ ༢༠༢༥ ཟླ་བ་ ༥ ཚེས་ ༡༡ ཉིན། ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པའི་རྒྱུན་ལས་རྣམ་པས། བལ་ཡུལ་གོ་ཀརྞ་རྣམ་རྒྱལ་མཐོ་སློབ་ཀྱི་དགེ་རྒན་ཆེན་མོ་ཧུམ་གྷན་ལགས་དང་ཁོང་གི་ཆུང་མ། དེ་བཞིན་བུ་མོ་དང་མག་པ་བཅས་ནིའུ་ཡོག་གྲོང་ཁྱེར་ལ་ཕེབས་འབྱོར་བྱུང་སྐབས་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས། ཧི་མ་ལ་ཡའི་ཟ་ཁང་དུ་དགོང་མོའི་གསོལ་ཚིགས་བཤམས། རྒན་ལགས་ནི་རྣམ་རྒྱལ་མཐོ་སློབ་ནང་ཕྱི་ལོ་ ༡༩༩༠ ནས་བཟུང་སྟེ་བོད་ཕྲུག་ཚོར་སློབ་འཁྲིད་གནང་མུས་ཡིན་པ་དང་། སློབ་གྲྭའི་ལོ་རྒྱུས་ཐོག་བརྩི་བཀུར་ཆེ་ཤོས་ཐོབ་པའི་ལྷག་བསམ་ཅན་གྱི་དགེ་རྒན་རྩེ་ཕུད་ཅིག་ཡིན་ནོ།།

2025

On June 8th, 2025, we organized an Incense Offering and Lungta Flag Hoisting event at Nechung Monastery in New York, dedicated to prayers for the long life of His Holiness the Dalai Lama and for world peace. The morning session featured a prayer ceremony led by the venerable Shoepa La in the main chapel, followed by the hoisting of new Lungta flags. In the afternoon, the atmosphere turned festive with entertainment activities, including several rounds of tambola and a joyful gorshey dance. The event was a great success, thanks to the enthusiastic participation of alumni members, their families, and friends.

ཕྱི་ལོ་ ༢༠༢༥ ཟླ་བ་ ༦ ཚེས་ ༨ རེས་གཟའ་ཉི་མ་གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉིན། ས་གནས་༸དཔལ་ལྡན་གནས་ཆུང་སྒྲ་དབྱངས་གླིང་དགོན་པར། རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་དང་བསང་གསོལ་རླུང་དར་སྒྲེང་འཛུགས་ཞུས། དེ་ཉིན་སྔ་དྲོ། དགོན་པའི་དབུ་འཛིན་སྐུ་ཞབས་བཟོད་པ་ལགས་ཀྱིས་དབུ་ཁྲིད་དེ་རྒྱལ་བའི་ཞབས་རིམ་བསྒྲུབས་ཤིང་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་གསེར་སྐྱེམས་ཕུལ་བ་དང་དུས་གཅིག་ཏུ་རྒྱུན་ལས་དང་ཚོགས་མི་ཁག་གཅིག་གིས། དགོན་པའི་མཐའ་སྐོར་གྱི་ཤིང་སྡོང་སྟེང་དུ་ཕྱར་བའི་རླུང་དར་རྙིང་པ་རྣམས་མེར་སྲེག་བཏང་སྟེ། རབ་གནས་དང་བསངས་དུད་ཞུས་པའི་རླུང་སྐྱེད་ཅོད་པན་དར་ཅོག་གསར་པ་རྣམས་ཡར་ལ་བསྒྲེངས། ཉིན་རྒྱབ་ཏུ་ཤོག་ཤོའི་རྒྱན་རྩེད་དང་སྒོར་གཞས་གོ་སྒྲིག་ཞུས། དེ་ལྟར་སློབ་ཟུར་ཚོགས་པའི་ཚོགས་མི་དང་ནང་མི་སྤུན་གཉེན་དགའ་གྲོགས་མང་པོའི་རྒྱབ་སྐྱོར་དང་མཉམ་ཞུགས་ཐོག ང་ཚོའི་ཆོས་ཕྱོགས་ཀྱི་ལས་འགུལ་དེ་དགའ་དགའ་སྤྲོ་སྤྲོའི་ངང་ནས་མཇུག་བསྡུས་སོ།།

2025

On June 11, our representatives in Nepal distributed dry food and bottled water, sponsored by our association, to devotees gathered around the Swoyambhunath Stupa and nearby monasteries. This auspicious day, as marked by the Tibetan calendar, commemorates the Buddha’s birth, enlightenment, and passing into Parinirvana. In addition, monetary alms were offered to beggars in observance of the day’s spiritual significance.

ཕྱི་ལོ་ ༢༠༢༥ ཟླ་བ་ ༦ ཚེས་ ༡༡ ཉིན་སྟེ། བདག་ཅག་གི་སྟོན་པ་ཐུགས་རྗེ་ཆེན་པོ་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་དུས་ཚེས་ཁྱད་འཕགས་ཅན་གསུམ་འཛོམས་པའི་ཉིན་མོར། བལ་ཡུལ་ནང་ང་ཚོའི་འཐུས་ཚབ་ཚོས། ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པའི་འབོད་སྐུལ་དང་འགྲོ་གྲོན་ལས།  འཕགས་ཤིང་རང་བྱུང་མཆོད་རྟེན་རིན་པོ་ཆེ་དང་དགོན་སྡེ་ཁག་ལ་གནས་མཇལ་མཆོད་འབུལ་ཞུ་མཁན་ཚོར། སྐམ་ཟས་རིགས་དང་གསོལ་ཆབ་གྲང་མོ་འབུལ་འགྱེད་བཏང་བ་མ་ཟད། དབུལ་ཕོངས་སྤྲང་པོར་ཡང་དངུལ་དམར་སིལ་མ་སྦྱིན་པ་བཏང་ནས་ཚོགས་གསོག་སྡིག་སྦྱོང་གི་ལས་ལ་འབུངས་སོ།།

2025

On July 23, we contributed a total of $5000 to Namgyal Middle Boarding School to support their bore-well drilling project. With the successful completion of this project, students will have access to clean and sufficient drinking water, as well as enough water for bathing, washing clothes, using toilets, and maintaining the school garden.

ཕྱི་ལོ་ ༢༠༢༥ ཟླ་བ་ ༧ ཚེས་ ༢༣ ཉིན། ང་ཚོས་བལ་ཡུལ་འཕགས་ཤིང་རྣམ་རྒྱལ་འབྲིང་རིམ་གཏན་འཇགས་སློབ་གྲྭར་ཁྱོན་བསྡོམས་ཨ་སྒོར་ ༥༠༠༠/-ཞལ་འདེབས་སུ་ཕུལ་ནས་སློབ་གྲྭའི་འཐུང་ཆུའི་གསོར་འབིགས་ལས་གཞིར་རྒྱབ་སྐྱོར་ཞུས། ལས་གཞི་འདི་བརྒྱུད་ནས་སློབ་ཕྲུག་ཚོས་འཐུང་ཆུ་གཙང་མ་འདང་ངེས་ཤིག་ཐོབ་ཐུབ་པ་མ་ཟད། རྒྱུན་ལྡན་གྱོན་ཆས་དང་གཟུགས་པོ་འཁྲུ་ཆེད། སྤྱོད་ཁང་གཙང་ཁྲུས་བྱེད་ཆེད་དང་། རྩི་ཤིང་གསོ་སྐྱོང་བྱེད་ཆེད་སོགས་པའི་དོན་ལ་ཡང་ཆུ་འབེལ་པོར་ཐོབ་ཐུབ་པས། སློབ་གྲྭ་སྤྱི་ཡོངས་ལ་ཕན་ཐོགས་ཆེན་པོ་ཞུས་སོ།།

2025

On October 3rd, we had the pleasure of hosting a warm welcome dinner for our beloved teacher, Madam Shiwakoti, from Namgyal Higher Secondary School, Gokarna, Nepal. Joining her were her children and Mr. Sushil Khatiwada, a respected former teacher from the same school.

ཕྱི་ལོ་ ༢༠༢༥ ཟླ་བ་ ༡༠ ཚེས་ ༣ ཉིན། བལ་ཡུལ་གོ་ཀརྞ་རྣམ་རྒྱལ་མཐོ་སློབ་ཀྱི་སློབ་དགེ་ལྕམ་ཤི་ཝ་ཀོ་ཊི་ལགས་དང་། སློབ་དགེ་ཟུར་པ་སྐུ་ཞབས་སུ་ཤིལ་ཁ་ཊི་ཝ་ཌ་ལགས་རྣམ་པ་གཉིས་ནིའུ་ཡོག་ཏུ་ཕེབས་འབྱོར་གནང་སྐབས། སློབ་ཟུར་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་འགའ་ཤས་ཀྱིས་ཁོང་རྣམ་པར་སྣེ་ལེན་ཞུས་པ་དང་། ཚོགས་གཙོ་བསོད་ནམས་དབང་ཕྱུག་ལགས་ཀྱི་བཞུགས་གནས་སུ་གསོལ་ཚིགས་ལ་གདན་འདྲེན་ཞུས་སོ།།

2025

On October 12th, we hosted our Annual Get-Together Party at Yarlung Event Hall with the meaningful goal of reuniting all our alumni members once a year. The event was graced by our beloved teacher, Madam Shiwakoti, from Namgyal Higher Secondary School, Gokarna, who was visiting New York on vacation.The evening featured a lively game of tambola and the announcement of our Fundraising Raffle Ticket winners.

ཕྱི་ལོ་ ༢༠༢༥ ཟླ་བ་ ༡༠ ཚེས་ ༡༢ ཉིན། འདི་ག་ས་གནས་ནིའུ་ཡོག་ཡར་ལུང་ཚོགས་ཁང་དུ་ལོ་འདིའི་སློབ་ཟུར་ཚོགས་པའི་ལོ་འཁོར་ལྷན་འཛོམས་ཀྱི་མཚན་ཚོགས་གོ་སྒྲིག་ཞུས། མཚན་ཚོགས་དེར་ང་ཚོས་བལ་ཡུལ་ནས་གུང་སེང་ལ་ཕེབས་པའི་གོ་ཀརྞ་རྣམ་རྒྱལ་མཐོ་སློབ་ཀྱི་སློབ་དགེ་ལྕམ་ཤི་ཝ་ཀོ་ཊི་ལགས་ཆེད་མངགས་མགྲོན་འབོད་ཞུས། སྐུ་མགྲོན་གཙོས་པའི་ཚོགས་མི་རྣམ་པར་ཐུགས་སྤྲོ་བོ་ཡོང་བའི་ཕྱིར་རྩེད་རིགས་འདྲ་མིན་གོ་སྒྲིག་ཞུས་པའི་ཐོག ཚང་མས་དོ་སྣང་དང་ངང་སྒུག་བྱས་པའི་དཔལ་འབྱོར་འདུ་འགོད་ཀྱི་རྒྱན་ཤོག་འཐེན་ནས་བྱ་དགའ་ཐོབ་པའི་རྒྱན་ཤོག་ཨང་གྲངས་སམ་མིང་ཐོ་གསལ་བསྒྲགས་བྱས་སོ།།

2025

On November 17th, alumni from Tibetan schools in Nepal, Bhutan, and India jointly presented a heartfelt gratitude trophy to His Holiness the 14th Dalai Lama in Dharamsala, in recognition of His lifelong guidance and unwavering love that have profoundly shaped our lives. We are proud to share that the Namgyal Alumni Association USA played a key role in bringing this historic event to life, contributing significantly to both publicity and fundraising efforts in close collaboration with the organizing committee. Our association also made a donation of $2000 from its religious fund in support of this auspicious occasion.

ཕྱི་ལོ་ ༢༠༢༥ ཟླ་བ་ ༡༡ ཚེས་ ༡༧ ཉིན། བཞུགས་སྒར་རྡ་རམ་ས་ལར། རྒྱ་བལ་འབྲུག་གསུམ་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་དང་བོད་ཁྱིམ་གཉིས་བཅས་ཀྱི་སློབ་ཟུར་ཐུན་མོང་ནས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོར་ང་ཚོ་བོད་ཕྲུག་ཚོར་ཕ་མ་ལྟར་བྱམས་བརྩེས་གཟིགས་སྐྱོང་གནང་བར་༧གོང་ས་མཆོག་ལ་སྒོ་གསུམ་གུས་པ་ཆེན་པོས་བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་འདེགས་འབུལ་ཞུས། གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ལས་གཞི་ཐོག་མ་དབུ་བཙུགས་པ་ནས་བཟུང་ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པས་འགན་འཛིན་ལྷན་ཚོགས་དང་མཉམ་སྦྲེལ་གྱིས་མང་ཚོགས་ལ་དྲིལ་བསྒྲགས་སྤེལ་རྒྱུ་དང་མང་ཚོགས་ནས་ཞལ་འདེབས་བསྡུ་རུབ་བྱ་རྒྱུ་ལ་སོགས་པའི་ལས་སྐལ་ཅི་བབ་ལྷུར་ལེན་ཞུས། ད་དུང་ཚོགས་པའི་ཆོས་ཕྱོགས་ཀྱི་མ་དངུལ་ལས་ཨ་སྒོར་ ༢༠༠༠ ཞལ་འདེབས་སུ་ཕུལ་ཏེ་སྐལ་བཟང་གི་ལས་འགུལ་ལེགས་འགྲུབ་ཡོང་བར་མཐུན་འགྱུར་ཞུས་སོ།།

NOTICE: Over the years, we have provided financial support to some of our members in need, but we have chosen not to disclose their personal information here to respect their privacy.

ཟུར་མཆན། སློབ་ཟུར་ཚོགས་པའི་ཚོགས་མི་རེ་ཟུང་ལ་ནད་མནར་གྱིས་འཚོ་བའི་དཀའ་ངལ་འཕྲད་སྐབས་ང་ཚོས་ཅི་ནུས་ཅི་ལྕོགས་ཀྱི་སྒོ་ནས་དཔལ་འབྱོར་གྱི་རོགས་སྐྱོར་ཞུས་ཡོད་ཀྱང་ཁོང་རྣམ་པའི་སྒེར་གྱི་གསང་དོན་ལ་བསམ་ཞིབ་ཀྱིས་འདིར་གསལ་སྟོན་བྱས་མེད།